Padtselling Trulku Song

posted in: Padtselling | 0
Padtselling Trulku song composed by Khenpo Wezer Dorji. Singer - Phub Zam and Karma Phuntsho. Lyric - Khenpo Wezer Dorji. Tune - Bumthap Karma. Release Date - 9th August, 2018.
གདན་ས་མི་ཆགས་གདན་ས་ཆགས།། གདན་ས་བྱང་ཆུབ་དཔལ་རི་ཆགས།། བླ་མ་མི་བཞུགས་བླ་མ་བཞུགས།། བླ་མ་སྐྱབས་རྗེ་པད་སྤྲུལ་བཞུགས།།
ཆུ་ཁག་རྫོང་ཁག་མངའ་འོག་ལུ།། སྐྱབས་ཆ་གཡུས་ཚན་ཆགས་ཡོད།། སྐྱབས་ཆ་ཕྱུག་པོའི་གཡུས་བཟང་།། གནས་ཆེན་མེན་ཟེར་མ་གསུང་།།
སྐྱབས་རྗེ་པད་ཚལ་གླིང་སྤྲུལ་སྐུ།། སྐུ་ཕྲེང་དང་པོ་འཁྲུངས་སའི་གནས་ཨིན།། གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ།། ཁྱེད་ལ་སྐྱབས་སུ་མཆིའོ།།
ཀྲོང་གསར་རྫོང་ཁག་ཆ་འོག་ལུ།། སྤྲེལ་ལ་གཡུས་ཚན་ཆགས་ཡོད།། སྤྲེལ་ལ་མཛེས་པའི་གཡུས་བཟང་།། ལྷ་ཡུལ་མི་འདྲ་མ་གསུང་།།
སྐྱབས་རྗེ་པད་ཚལ་གླིང་སྤྲུལ་སྐུ།། སྐུ་ཕྲེང་གཉིས་པ་འཁྲུངས་སའི་གནས་ཨིན།། འཇིགས་མེད་བསྟན་པའི་རྒྱལ་མཚན།། ཁྱེད་ལ་སྐྱབས་སུ་མཆིའོ།།
བུམ་ཐང་རྫོག་ཁག་མངའ་འོག་ལུ།། བྱ་དཀར་གཡུས་ཚན་ཆགས་ཡོད།།པ བྱ་དཀར་སྐྱིད་པའི་གཡུས་བཟང་།། ཞིང་ཁམས་མི་འདྲ་མ་གསུང།།
སྐྱབས་རྗེ་པད་ཚལ་གླིང་སྤྲུལ་སྐུ།། སྐུ་ཕྲེང་གསུམ་པ་འཁྲུངས་སའི་གནས་ཨིན།། འཇིགས་མེད་འགྲོ་དོན་རྡོ་རྗེ།། ཁྱེད་ལ་སྐྱབས་སུ་མཆིའོ།།
སྤ་རོ་རྫོང་ཁག་ཆ་འོག་ལུ།། འབྲུག་རྒྱལ་རྫོང་ཆེན་ཆགས་ཡོད།། སྤ་རོ་འབྲུག་རྒྱལ་རྫོང་ཆེན།། བྱིན་རླབས་མིན་འདུག་མ་གསུང།།
སྐྱབས་རྗེ་པད་ཚལ་གླིང་སྤྲུལ་སྐུ།། སྐུ་ཕྲེང་བཞི་པ་འཁྲུངས་སའི་གནས་ཨིན།། ཀུན་བཟང་འཕྲིན་ལས་རྣམ་རྒྱལ།། ཁྱེད་ལ་སྐྱབས་སུ་མཆིའོ།།
བུམ་ཐང་སྟང་གི་གཡུས་ཁར།། ནམ་མཁའི་ལྷ་ཁང་ཆགས་ཡོད།། སྟང་གི་ནམ་མཁའི་ལྷ་ཁང་།། སྨོན་ལམ་མི་ཐེབས་མ་གསུང་།།
སྐྱབས་རྗེ་པད་ཚལ་གླིང་སྤྲུལ་སྐུ།། སྐུ་ཕྲེང་ལྔ་པ་འཁྲུངས་སའི་གནས་ཨིན།། ཀུན་བཟང་བསྟན་འཛིན་རྒྱ་མཚོ།། ཁྱེད་ཀྱི་སྐུ་ཚེ་བརྟན་ཤོག།
སྤྱི་ལོ་༢༠༡༨ ཟླ་༧ པའི་ཚེས་༢༡ ལ་མཁན་འོད གསལ་ནས་བྲིས་པ་དགེའོ།།

Composer - Khenpo Wezer Dorji

Sharing is caring!

Follow Padtselling:

Latest posts from

Leave a Reply