His Majesty’s 41st Birth Anniversary

posted in: Padtselling | 0

ད་རིས་ག་ནི་བ་རྩ་ཆེ་བའི་དུས་བཟང་ཁྱད་པར་ཅན་ང་བཅས་རའི་སྤྱི་གཙུག་སྦུག་གི་ཉི་ཟླ་དཔལ་མི་དབང་མངའ་བདག་རིན་པོ་ཆེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དགུང་ལོ་༤༡ བཞེས་པའི་འཁྲུངས་སྐར་ཉིནམ་ཁྱད་པར་ཅན་གྱི་དུས་ལུ་པད་ཚལ་གླིང་གྲྭ་ཚང་པད་སྤྲུལ་ལྔ་པ་པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོའི་གཙོས་དགེ་འདུན་འདུས་དམངས་ཡོངས་ཀྱིས་མི་དབང་མཆོག་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་ལམ་བཏབ་ཐོག་ལས་བཀྲིས་བདེ་ལེགས་ཟེར་ཞུ་ནི།

ལྷག་པར་དུས་ཅི་འཛམ་གླིང་ག་ར་ནང་ནད་ཡམས་གདུག་ཅན་གྱི་དཀའ་ངལ་སྦོམ་བྱུང་དང་འབྱུང་བཞིན་ཡོད་རུང་མི་དབང་མཆོག་གི་མཁྱེན་བརྩེ་ཟུང་འཇུག་གི་ཐབས་ཤེས་ཁྱད་པར་ཅན་གྱིས་འབྲུག་ཡུལ་འདི་ནང་དཀའ་ངལ་ཚུ་ག་རང་སེལ་གནང་སྟེ་དགའ་སྐྱིད་ངང་ལུ་བཞག་གནང་མི་ལུ་ནམ་ཡང་བརྗེད་པར་ཕངས་པའི་བཀའ་དྲིན་དགའ་ཚོར་ཞུ་ནི་ཨིན་བཀྲིན་ཆེ་ལགས།

King of Bhutan

Sharing is caring!

Follow Padtselling:

Latest posts from

Leave a Reply